སྒྲིག་ལམ་སྲུང་བ། སྒྲིག་ལམ་འགལ་བ། ཉེད་ཆད་གཟེད་པ། བཀའ་ཕབ་པ། གད་མོ་དགོད་པ།
ཉི་མ་ཆུང་དུས་སློབ་གྲྭའི་ནང་ག་དུས་ཡིན་རུང་སྒྲིག་ལམ་སྲུང་གི་མེད། ཉིན་ཞིག་ཁོས་སྒྲིག་ལམ་ལས་འགལ་བ་དེ་དགེ་རྒན་ལགས་ཀྱིས་གཟིགས་ཏེ། ཁོ་ཉེས་ཆད་གཟེད་པར་སྐད་བཏང་། སློབ་གྲྭ་དེའི་ནང་ཉེས་ཆད་སྤྱོད་སྟངས་དེ་ཐིག་ཤིང་གིས་ལག་པའི་སྦར་མཐིལ་ལ་གཞུ་རྒྱུ་དེ་རེད། ཉི་མའི་ལག་པ་བཙོག་པ་བཙོག་རྐྱང་ཡིན་སྟབས། རྒན་ལགས་ཀྱི་སྒྲོག་ཙེའི་མདུན་དུ་འགྲོ་སྐབས། ཁོས་ལག་པ་རྒྱབ་ཏུ་སྦས།
རྒན་ལགས་ཀྱིས་ “ལག་པ་ཚུར་རྐྱོངས་” ཞེས་བཀའ་ཕབ་པས། ཁོས་ལག་པ་གཡས་པ་བརྐྱངས།
ཉི་མ་ “གལ་སྲིད་རང་གིས་སློབ་ཁང་ནང་ནས་ལག་པ་བཙོག་པ་འདི་འདྲ་བ་གཞན་ཞིག་རྙེད་ན། ངས་རང་གློད་ཆོག་” ཅེས་གསུངས། ཉི་མས་རྒྱབ་ནས་ལག་པ་གཡོན་པ་དེ་མགྱོགས་པོ་བཏོན་ནས་ “རྒན་ལགས། གཞན་དེ་འདིར་ཡོད་” ཅེས་ལབ། རྒན་ལགས་ཀྱིས་གད་མོ་དགོད་བཞིན་ “ད་བྱས་ན་རང་ཕྱིན་ན་འགྲིག་གི་རེད་” ཅེས་གསུངས།