Arti
༄༅། །བོད་མིའི་སྒྲིག་འཛུགས་ནས་ཕྱི་ལོ་ ༢༠༢༠ ལོ་འདི་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུས་པ་བཞིན། ལས་རིམ་དེའི་ཆ་ཤས་སུ་ཤེས་རིག་ལས་ཁུངས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་སླད། རང་རེའི་སློབ་གྲྭ་ཁག་གི་དགེ་རྒན་རྣམས་ལ་ཤེས་ཡོན་དང་། ཉམས་མྱོང་བརྗེ་རེས་ཀྱི་ཆེད་བརྗོད་རྩོམ་ཡིག་འབྲི་བའི་ལས་རིམ་ཞིག་གོ་སྒྲིག་ཞུས་ཏེ། རྩོམ་ཡིག་གང་མང་འབྱོར་རེ་དང་དེ་དག་ལས་ལེགས་གྲས་སུམ་ཅུ་འདེམས་སྒྲུག་གིས་བོད་ཡིག་སློབ་སྦྱོང་དྲ་ཚིགས་སུ་འགོད་སྤེལ་ཞུ་འཆར་ཡིན་ཡང་། རྩོམ་ཡིག་གྲངས་སུམ་ཅུ་ལས་མ་འབྱོར་སྟབས། ཆ་ཚང་འདེམས་སྒྲུག་གིས་དག་ཆ་དང་ཚིག་སྦྱོར་ནོར་བ་རེ་ཟུང་བཅོས་པ་ལས་མ་རྩོམ་རང་སོར་བཞག་པ་དང་། དྲ་ངོས་སུ་འགོད་སྐབས་འབྱོར་སྔ་ཕྱི་ཡི་བང་རིམ་ལྟར་བཀོད་པ་ལས་རྩོམ་ཡིག་གི་ལེགས་ཉེས་ཀྱི་བང་རིམ་ལྟར་བསྒྲིགས་མེད་པའི་གསལ་བརྗོད་ཞུ་རྒྱུ་དང་། རྩོམ་ཡིག་གི་བརྗོད་གཞི་དང་འབྲེལ་བའི་བསམ་ཚུལ་གསུང་རྒྱུར་དགའ་བསུ་ཞུ་རྒྱུ་བཅས།

རྩོམ་པ་པོའི་མཚན། བརྗོད་གཞི། གནས་རིམ། སློབ་གྲྭ།
མིག་དམར་ཚེ་རིང་། དགེ་རྒན་ནི་སློབ་མའི་མིག་དཔེ་བཟང་པོ་ཡིན། གཞི་རིམ་འོག་མའི་བོད་དགེ། ལྡི་ལི་བསམ་ཡས་གླིང་བོད་ཁྱིམ་ཉིན་སློབ།
སྐལ་བཟང་ཉི་མ། སློབ་མའི་བྲིས་བཅའ་ཚུལ་གྱི་ཐབས་བཞི་མདོར་བསྟན། བོད་དགེ། བཙུན་དགོན་སྒྲོལ་མ་གླིང་།
ཟླ་བ་ཚེ་རིང་། སློབ་གྲྭ་ཆུང་འབྲིང་གི་སློབ་མར་རྩོམ་ཡིག་ཁྲིད་ཐབས། གཞི་རིམ་བར་མའི་བོད་དགེ། དྷ་ཤོད་དཔེ་སྟོན་སློབ་གྲྭ།
རྡོ་རྗེ་རིན་ཆེན། བོད་ཀྱི་སྐད་ཡིག་ཇི་ལྟར་སྲུང་སྐྱོབ་བྱེད་ཚུལ། གཞི་རིམ་འོག་མའི་བོད་དགེ། མེའོ་སཾབྷོ་ཊ་སློབ་གྲྭ།
བསོད་ནམས་དར་རྒྱས། ཟབ་སྦྱོང་གི་ཟིན་བྲིས་དང་རང་གི་མྱོང་བ། བོད་དགེ། འབྲས་སྤུངས་བློ་གསལ་གླིང་སློབ་གྲྭ།
པདྨ་ལྷུན་འགྲུབ། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་ཚུལ། གཞི་རིམ་གོང་མའི་བོད་དགེ། སྦེལ་ཀོབ་བོད་ཁྱིམ་སློབ་གྲྭ།
སྐལ་བཟང་ཉི་མ། བྱིས་རྩོམ་མཚམས་སྦྱོར། བོད་དགེ། བཙུན་དགོན་སྒྲོལ་མ་གླིང་།
དགེ་བཤེས་ཐུབ་བསྟན་དངོས་གྲུབ། མྱོང་བ་ལམ་སྟོན་གྱི་ཟིན་བྲིས་དཀར་པོ། ལྟ་གྲུབ་དགེ་རྒན། ར་ཝང་ལ་སཾབྷོ་ཊ་ཉིན་སློབ།
ལྷག་པ་དོན་གྲུབ། དགེ་རྒན་གྱི་ཁྱད་ལས། གཞི་རིམ་གོང་མ། སྦེལ་ཀོབ་བོད་ཁྱིམ།
རྡོ་རྗེ་རིན་ཆེན། (༢) སློབ་ཁྲིད་དེ་སློབ་ཕྲུག་གི་སེམས་སུ་འཇུག་པོ་ཞིག་ཇི་ལྟར་འབྱུང་ཐབས། གཞི་རིམ་འོག་མའི་བོད་དགེ། མེའོ་སཾབྷོ་ཊ་སློབ་གྲྭ།
རྡོ་རྗེ་འཕྲིན་ལས། ༸གོང་ས་མཆོག་གི་བཀའ་དགོངས་བཞིན་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཇི་ལྟར་བྱེད་ཚུལ། གཞི་རིམ་འོག་མ། སྲོང་བཙན་བལ་བཟའ་གཏན་ཉིན་སློབ་གྲྭ
ཐུབ་བསྟན་རིག་བཟང་། དགེ་རྒན་གྱི་ཆེད་ལས་དང་འབྲེལ་བ། གཞི་རིམ་གོང་མ། བཀྲ་ཤིས་ལྷུན་པོའི་སློབ་གྲྭ།
བསྟན་འཛིན་སྒྲོལ་མ། (སྒྲོལ་ལགས) སློབ་ཁྲིད་ཐབས་ལམ་སྐོར་གྱི་ཉམས་མྱོང་དམར་རྗེན་མ། གཞི་རིམ་འོག་མ། དྷ་ཤོད་དཔེ་སྟོན་སློབ་གྲྭ།
རྡོ་རྗེ་དབང་འདུས་ སློབ་ཚན་འཆར་འགོད་དང་ཐབས་ལམ། དགེ་འོས་དགེ་རྒན། //
ཟླ་བ་སྒྲོལ་མ། སློབ་ཁྲིད་ཐབས་ལམ། གཞི་རིམ་གོང་མའི་ཚན་དགེ། ལ་དྭགས་བོད་ཁྱིམ་སློབ་གྲྭ།
ནམ་མཁའ་བསྟན་འཛིན། སློབ་ཁྲིད་ཐབས་ལམ། གཞི་རིམ་འོག་མ། སོ་ན་འདའ་སཾབྷོ་ཊ་སློབ་གྲྭ།
བསྟན་འཛིན་དབང་ཕྱུག བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཇི་ལྟར་བྱེད་ཚུལ་སྐོར་ཁྱེམ་བུ་གང་། གཞི་རིམ་འོག་མ། མན་སྤར་སཾ་བྷོ་ཊ་སློབ་གྲྭ།
འཇམ་དབྱངས་དོན་གྲུབ། གཞི་རིམ་སློབ་མ་རྣམས་ལ་སློབ་ཁྲིད་ཇི་ལྟར་བྱེད་པའི་ཐབས་ལམ་འགའ་ཞིག་རང་གི་མྱོང་བ་དང་སྦྱར་ནས་གླེང་བ། དགེ་རྒན། ཝཱཎཱ་མཐོ་སློབ།
ཚེ་རིང་། སྐད་ཡིག་སྲུང་སྐྱོབ། ཨིན་དགེ། ལ་དྭགས་ཨག་གླིང་བོད་ཁྱིམ་སློབ་གྲྭ།
བྱམས་པ་ཆོས་སྒྲོན། དགེ་རྒན་ཁྱད་ལས་དང་འབྲེལ་བ། གཞི་རིམ་བར་མ། མ་སུ་རི་བོད་ཁྱིམ།
དགེ་བཤེས་མ་བསྟན་འཛིན་དཔལ་མོ། དགེ་རྒན་གྱི་ཁྱད་ལས་དང་འབྲེལ་བའི་སྐོར་ཆེ་ལོང་ཙམ་བརྗོད་པ་བྱིས་པའི་གོམ་འགྲོས། ལྟ་གྲུབ་དགེ་རྒན། བདེ་སླར་སཾབྷོཊ་སློབ་གྲྭ།
འཇམ་དཔལ་ཚུལ་ཁྲིམས། རྫི་བོ་ལྟ་བུའི་དགེ་རྒན། གཞི་རིམ་འོག་མ། ཧུན་སོར་སཾབྷོ་ཊ་སློབ་གྲྭ།
བསོད་ནམས་ཆོས་སྒྲོན། བོད་ཀྱི་སྐད་ཡིག་སྲུང་སྐྱོབ། སྔོན་དགེ། ཧུན་སོར་སཾབྷོ་ཊ་སྔོན་འགྲོའི་སློབ་གྲྭ།
ཚེ་རིང་ནོར་འཛོམས། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་ཚུལ་གླེང་བ། སྔོན་དགེ། གོ་པལ་པུར་བོད་ཁྱིམ།
བསྟན་འཛིན་སྐལ་ལྡན། སྐད་ཡིག་བཀོལ་སྤྱོད་ནི་སྐད་ཡིག་སྲུང་སྐྱོབ་དངོས་ཡིན། གཞི་རིམ་བར་མ། བལ་ཡུལ་རྣམ་རྒྱལ་འབྲིང་སློབ།
བྱམས་པ་བཀྲ་ཤིས། གཞི་རིམ་སློབ་མ་རྣམས་རྩོམ་རིགས་སློབ་ཁྲིད་ཇི་ལྟར་བྱེད་དགོས་སམ་ གཞི་རིམ་འོག་མ། ཀོ་ལེ་གྷལ་སཾབྷོ་ཊ།
བདེ་ལེགས་སྒྲོལ་དཀར། སྐད་ཡིག་སྲུང་སྐྱོབ་ཇི་ལྟར་བྱེད་ཚུལ། གཞི་རིམ་བར་མ། མོན་གྷོ་སཾ་བྷོཊ།
ཚེ་རིང་བཀྲ་ཤིས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བཞིན་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཇི་ལྟར་བྱེད་ཚུལ། གཞི་རིམ་གོང་མ། གོ་པལ་པུར་བོད་ཁྱིམ།
མིག་དམར། དགེ་སློབ་ཀྱི་འབྲེལ་བ་དང་། སློབ་ཕྲུག་གི་བསམ་སྤྱོད་རྒྱུས་ལོན་བྱེད་ཐབས། གཞི་རིམ་བར་མ། སྤོན་ཊ་སཾབྷོ་ཊ།
བསྟན་འཛིན་དངོས་གྲུབ། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཇི་ལྟར་བྱེད་ཚུལ། གཞི་རིམ་བར་མ། ཙནྡྲ་གྷི་རི་སམ་བྷོ་ཊ་འབྲིང་རིམ་སློབ་གྲྭ།